4942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་ལྟར་ན་ཁག་གསུམ་ཡོད་པ་སྟེ།

ཁག་དང་པོ། 1.མདོ་སྡེ་ལ་མི་མཁས་པ། 2.འདུལ་བ་ལ་མི་མཁས་པ། 3.མི་ལྟ་བུ་ལ་མི་མཁས་པ། 4.རྣམ་པར་འབྱེད་པ་ལ་མི་མཁས་པ། 5.ལུང་ཁ་ཏོན་དུ་མ་ལོབས་པའོ། ། ཁག་གཉིས་པ། 1.ཉི་ཚེ་བ་ཐམས་ཅད་དང་ལྡན་པའི་འདུལ་བ་མི་ཤེས་པ། 2.རེ་ཞིག་པ་དང་དུས་ཐམས་ཅད་པའི་འདུལ་བ་མི་ཤེས་པ། 3.ཉེས་པའི་འདུལ་བ་མི་ཤེས་པ། 4.རྩོད་པའི་འདུལ་བ་མི་ཤེས་པ། 5.ཉོན་མོངས་པའི་འདུལ་བ་མི་ཤེས་པ་སྟེ། དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། ། ཁག་གསུམ་པ། 1.ཉེས་པའི་འདུལ་བ། 2.རྩོད་པའི་འདུལ་བ། 3.ཉི་ཚེ་བ། 4.ཐམས་ཅད་དང་ལྡན་པ། 5.རེ་ཞིག་པ་དང་། དུས་ཐམས་ཅད་པ་རྣམས་ལ་ངེས་པར་མ་གྱུར་པ་མ་ཡིན་པའོ། །

Tibetan Source 《འདུལ་བ་པ་པ་》ཤ་47བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number